[062B]༄༅། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་བཞུགས། ། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་བསྒྲུབ་པར་འདོད་པའི་རྣལ་འབྱོར་ པས། དང་པོར་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ། ཡན་ལག་བདུན་དང་ལྡན་པའི་སེམས་བསྐྱེད་པར་བྱའོ། །རང་གི་སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་ས་བོན་གྱིས་གོས་སྔོན་པོ་ཅན་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ཏེ། ས་བོན་ལས་ [063A]༄༅། །བྱུང་བའི་མཆོད་པས་མཆོད་དོ། །དེ་ནས་འདི་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་སོ་འཚལ་ལ། །བདག་ལུས་ངག་ཡིད་ཀྱིས་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །མཆོད་པ་བླ་ ན་མེད་པ་འདོད་པའི་ཡོན་ཏན་གྱི་ཆར་དག་པའི་སེམས་ཀྱིས་སྤྲུལ་མེད་པའི་དུས་ནས་དུག་གསུམ་གྱི་དབང་གིས་སྡིག་པ་ཅི་བགྱིས་པ་མེད་པའི་དུས་ནས་དུག་གསུམ་གྱི་དབང་གིས་སྡིག་པ་ཅི་བགྱིས་པ་རྣམས་སོ་སོར་བཤགས་ཤིང་སླན་ཆད་ཀྱང་སྡོམ་པར་བགྱིད་དོ། །བདེ་བར་ གཤེགས་པ་གང་དག་བསྐུལ་བའི་སལ་བཞུགས་པ་རྣམས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བགྱིའོ། །དེ་བར་གཤེགས་བ་གང་དག་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་འཁོར་བ་ཇི་སྲིད་པར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་དེ་ངག་ཐམས་ཅད་ཀྱང་བླ་ན་ མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །ཇི་ལྟར་དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དངོས་པོ་ཐམས་ཅད་དང་བྲལ་བ། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐུགས་བསྐྱེད་པ་བཞིན། །བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །གཞན་ཡང་བདག་གིས་ འཕགས་པ་རྣམས་ལ་ལུས་ཕུལ་ཏེ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བར་བགྱིའོ། །དེ་ནས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསམ་བར་བྱའོ། །དེའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བ་དང་ཉི་མའོ། །དེའི་སྟེང་དུ་ཧཱུཾ་སྔོན་པོ་ལས་བྱུང་ བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བྱུང་བའི་གོས་སྔོན་ཅན་གྱི་གཟུགས་སུ་གྱུར་པར་བྱའོ། །དེ་ནས་ཡུངས་ཀར་ཕྱོགས་སུ་གཏོར་བར་བྱ་ཞིང། ཨོཾ་ཨཱབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། །ཅེས་བརྗོད་ཅིང་བསྐྲད་པར་བྱའོ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ས་བོན་ལས་འོད་ཟེར་སྤྲོས་ཏེ་སྤྱན་དྲང་ བར་བྱའོ༑ །གཟུངས་ཀྱི་མཇུག་ལ། ཨོཾ་ན་མས་མ་ཡ་མཎྜལ་མ་དེ། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཨཱ་བ་ལོ་ཀཱ་ཡ་ཨཱ་བ་ལོ་ཀཱ་ཡ་ཧཱུཾ་སཱ་ཧཱ། ས་བྱ་བ་བཏགས་ཏེ་སྤྱན་དྲང་བར་བྱའོ། །དེ་ནས་དེ་ལ་མཆོད་པ་དབུལ་བར་བྱའོ། །ཧྲཱི་ཏི་ཧ་ཞེས་པས་ཨརྒྷ་ཡིའོ། །ཨོཾ་ [063B] ཞེས་པས་མེ་ཏོག་དབུལ་དབུལ་ལོ། །ཨོཾ་བཛྲ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སཱ་ཧཱ། ཞེས་པས་བདུག་པ་མདུན་དུའོ། །ཨོཾ་བཛྲ་དའི་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སཱ་ཧཱ། ཞེས་པས་མར་མེ་སྤྱན་ལའོ། ཨོཾ་བཛྲ་གྷནྡྷེ་པཱུ་ཛ་མེ་ གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སཱ་ཧཱ། ཞེས་པས་དྲི་ཐུགས་ཀར་རོ། །ཨོཾ་བཛྲ་ནཻ་བི་དཡེ་པཱུ་ཛ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སཱ་ཧཱ། ཞེས་པས་ཞལ་ཟས་ཞལ་དུའོ། །ཨོཾ་བཛྲ་གའི་ཏི་གྷཎྚ་གྷཎྚ་སཱ་ཧཱ། ཞེས་པས་སི་ལ་སྙན་སྙན་ལའོ། །དེ་ནས་བསྟོད་དོ། །ཨོཾ་བཛྲ་ས་མ་ཡ་སྟྭཾ། ཞེས་པས་གཉིས་སུ་ མེད་པར་བྱའོ། །དེ་ནས་དབང་བསྐུར་བར་བྱའོ། །དེ་ནས་རང་གི་སྙིང་གར་རཾ་ལས་བྱུང་བའི་ཉི་མའི་སྟེང་དུ། རང་གི་ས་བོན་ལས་བཟླས་པར་བྱ་བའི་ཡི་གེས་བསྐོར་བར་བྱའོ། །བློས་དམིགས་པར་བྱ་སྟེ། སྔགས་བཟླས་པར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཏདྱ་ཐཱ། བཧོ་བཧོ་བན་ནཱ་གཱ་ དཧི་པ་ཏ་ཡེ། ཨི་དན་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ནི་ཧྲྀ་ད་ཡཾ། ཡཿ་ས་མཱ་ཏི་ཀྲ་མཱ་ཏི། །ཨུཏྶཱ་ད་ནཾ། བྷ་བི་ཤུདྡྷེ། ཏདྱ་ཐཱ། བུདྡྷྱ་བུདྡྷྱ། བི་བུདྡྷ། མ་ཏི་པྲཱ་པྟ། ཧ་ར་ཧ་ར། ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར། ནཱ་གཱ་ནཱཾ། ཙྪིནྡ་ཙྪིནྡ། ནཱ་ག་ཧྲྀ་ད་ཡ་ནི། བྷིནྡ་བྷིནྡ། ནཱ་ག་ད་མཱ་ ནི༑ བི་སི་མཱ་ད་ནཱ་ག་ཤ་རཱི་ར་ཎི། བི་སྥོ་ཊ་ཡ། ནཱག་ན་ཡ་ནཱ་ནི། །ཏདྱ་ཐཱ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་གོ་ཚ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཱཾ་བ་ས་སྟ་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ་པ་རཱ་ཀྲ་མཱ་ཡ་ཧཱུཾ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཀུཥྨ་ཎྜོ་ཏྶཱ་ཡ་ཕཊ། པྲེ་ཏ་ པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། བྷ་ཀྵ་ཡ་བྷ་ཀྵ་ཡ། སརྦ་བགྷྣ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཛྙཱ་པ་ཡ་ཏི་སཱ་ཧཱ། ཞེས་བཟླས་པར་བྱའོ། །གལ་ཏེ་གཏོང་བར་ འདོད་ན། བཟོད་པར་གསོལ་བ་དང། དགེ་བའི་རྩ་བ་བསྔོ་ཞིང། སྨོན་ལམ་གདབ་བོ། །དེ་ནས་ཨོཾ་ཨཱ་ཧཱུཾ་མུཿ་ཞེས་པས་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། དེ་ནས་ཐམས་ཅད་མི་དམིགས་པར་བསྒོམ་པར་བྱའོ། །ཡི་གེ་བརྒྱ་བའི་གསང་སྔགས་བརྗོད་པར་བྱའོ། །བླ་མ་ལ་གུས་པ་ [064A]༄༅། །པ་དང༑ ཤེས་རབ་དང་སྙིང་རྗེ་དང་ལྡན་ཞིང། ཁྱད་པར་དུ་གང་ལ་དད་པ་ཆེར་ཡོད་པ་དེ་ལ་མུར་དུ་འགྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།།